Browse Our Dictionary
S

skin

པགས་པ། = པགས་པའི་རྩ་བའི་ཆགས་ཚུལ་ནི་པགས་པ་ཕྱི་མ་དང་པགས་པ་ནང་མ་བཅས་རིམ་པ་གཉིས་ལས་གྲུབ་ཡོད། རེག་པའི་དབང་པོ་དེ་ལུས་ཁམས་ཕྱི་ངོས་ཀྱི་ཁྱོན་ཡོངས་སུ་ཁྱབ་ཡོད་པ་དང་དེས་ཚ་གྲང་འཇམ་རྩུབ་དང་ན་ཟུག་ལ་སོགས་ཚོར་ཐུབ་པ་ཡིན། པགས་པས་ནད་འབུ་ཕྲ་མོ་ལུས་ཁམས་སུ་འཛུལ་པར་སྔོན་འགོག་བྱེད་པ་དང༌། ལུས་པོའི་མཁོ་མེད་དངོས་རྫས་རྣམས་རྔུལ་ཆུ་དང་འདྲེས་ནས་ཕྱིར་གཏོང་བ་མ་ཟད་ལུས་ཁམས་ཀྱི་དྲོད་ཚད་སྙོམས་སྒྲིག་དང། དྭངས་མ་སྡུད་ལེན་བཅས་ཀྱི་ནུས་པའང་ཐོན་གྱི་ཡོད།