Browse Our Dictionary
A

abnormal gene

རིགས་རྫས་སྐྱོན་ཅན། = ཕྲ་ཕུང་རེ་རེའི་ནང་རིགས་རྫས་སྟོང་ཕྲག་མང་པོས་ཕྲ་ཕུང་གི་བཀོད་དབྱིབས་དང་བྱེད་ལས་ལ་སྟངས་འཛིན་བྱེད་ཀྱི་ཡོད། དེ་དག་ལས་རིགས་རྫས་ཤིག་རྒྱུན་གཏན་མ་ཡིན་ཚེ་ཕྲ་ཕུང་གི་གཟུགས་བཀོད་དམ། དེའི་རྫས་སྦྱོར་གྱི་རྒྱུན་ལྡན་བརྒྱུད་རིམ་ལ་འགྱུར་བ་འབྱུང་ལ། དེའི་རྗེས་འབྲས་སུ་རིགས་རྫས་ཀྱི་ནད་གཞི་ཡོང་བའམ་ཡོང་སླ་བའི་གནས་སྟངས་བསྐྲུན་སྲིད།