Browse Our Dictionary
A

advection fog

འཕོ་སྨུག = འཕོ་འདྲེན་ཟིལ་པ།བཞའ་ཚན་ཅན་གྱི་རླུང་དྲོན་མོ་རྣམས་ངོས་གྲང་མོ་ཞིག་ལ་རེག་སྐབས་སུ་འབྱུང་བའི་སྨུག་རླངས། དེ་ཡང་ངོས་གྲང་མོ་དེ་དང་རེག་ཐུག་བྱུང་བའི་རྐྱེན་གྱིས་རླུང་དེ་རྣམས་གྲང་མོར་འགྱུར་ཏེ་དེ་ཉིད་ཀྱི་ཟིལ་གནས་སུ་ལྷུང་བས། དེས་རྐྱེན་པས་གཤེར་ཕབ་ཀྱི་བརྒྱུད་རིམ་ཞིག་བྱུང་ནས་སྨུག་རླངས་འབྱུང་གི་ཡོད། དེ་ནི་ཚ་དྲོད་ཆེ་བའི་རླུང་རྣམས་རྒྱ་མཚོའི་རླབས་རྒྱུན་གྲང་མོ་རྣམས་ཀྱི་སྟེང་དུ་འཁོར་སྐབས་སུ་བྱུང་བའི་རྒྱུན་ལྡན་གྱི་སྣང་ཚུལ་ལོ་འཁོར་ཧྲིལ་པོར་མཐོང་རྒྱུ་ཡོད་པ་ཞིག་ཡིན།