Browse Our Dictionary
A

aluminium oxide

འཚོ་རླུང་ལྡན་པའི་ཧ་ཡང་། = ཧ་ཡང་གི་རྡུལ་ཕྲན་གཉིས་དང་འཚོ་རླུང་གི་རྡུལ་ཕྲན་གསུམ་ལས་གྲུབ་པའི་འདུས་རྫས་ཤིག ཁ་དོག་དཀར་ཞིང་ཕྱེ་མ་འདྲ་བའི་སྲ་གཟུགས། རྣམ་པ་མང་པོ་ཡོད་པ། སྐྱུར་དང་བུལ་རྫས་ནང་བཞུར་ཐུབ་པ། བརྡར་ཟད་གཏོང་བྱེད་ཀོ་གསེག་ལྟ་བུ་ལ་བེད་སྤྱོད་གཏོང་ཞིང་། ཧ་ཡང་གི་གཏེར་རྡོ་ནས་ཐོན་པ། ལས་སླ་པོར་མི་ཞུ་བ་བཅས་སོ།