Browse Our Dictionary
A

ascending colon

ཁྲག་ལོང་། = ལོང་གའི་གནས་སྟངས་ལ་ལྟོས་ནས་དུམ་བུ་གསུམ་དུ་དབྱེ་བའི་ཡ་གྱལ་དཔྱི་ཡི་སྟ་ཟུར་གཡས་པའི་ཐད་ནས་གྱེན་དུ་གནས་པའི་ལོང་གའི་མིང་། སྨན་གཞུང་དུ། །ཁྲག་ལོང་གཡས་དང་། །སྲིན་ལོང་གཡོན། །རྩམ་ལོང་དབུས་ན་གནས། །ཞེས་པ་ལྟར་རོ།