Browse Our Dictionary
B

basilar artery

ཀླད་ཞབས་འཕར་རྩ། =སྒལ་ཚིགས་ཀྱི་འཕར་རྩ་གཉིས་ཀྱིས་གྲུབ་པའི་འཕར་རྩ་ཡ་རྐྱང་ཞིག་ལ་གོ་བ་དང་། ཀླད་ཟམ་གྱི་འོག་ཏག་ཏག་ནས་ཀ་པ་ལིའི་ནང་དུ་རྒྱུ་ཞིང་ཀླད་ཆེན་འཕར་རྩ་རྒྱབ་མ་གཉིས་སུ་གྱེས་ཏེ་ཀླད་ཟམ་དང་། ཀླད་སྙིང་། ཀླད་ཆེན་གྱི་རྒྱབ་ངོས། ནང་རྣ་བཅས་སུ་ཁྲག་མཁོ་སྤྲོད་བྱེད།