Browse Our Dictionary
B

bengal quince

བིལ་བ། = སྡོང་པོ་ལྗང་ནག་ཆེ་ཞིང་མཁྲེགས་པར་ཡལ་ག་དང་ཡལ་ཕྲན་གྱེས་པ་དང༌། ལོ་མ་ལྗང་ལ་མཐུག་ཅིང་འཇམ་པར་རྩ་རིས་གསལ་ལ་མཐའ་མཉམ་ཞིང་ངར་བ་ཅུང་ཟད་རིང་བ། གཡས་གཡོན་ལ་རེ་རེ་དང་དབུས་སུ་གཅིག་བཅས་གསུམ་གྱེས་མང་ལོ་ཡིན་པ་དང༌། མེ་ཏོག་དཀར་པོ་མདངས་མི་གསལ་བ་འདབ་མ་ལྔ་དང་ལྡན་པ་དེ་ཡལ་ག་དང་སྡོང་པོའི་བར་མཚམས་ནས་འཆར་ཞིང། འབྲས་བུ་ལྗང་སེར་གྲུ་གུའི་དབྱིབས་འདྲ་བ་འཇམ་ལ་ཧྲིལ་བ་ཆེ་ཆུང་ཁུ་ཚུར་ཙམ་དང། སྨིན་ཚེ་མདོག་སེར་སྨུག་ཏུ་གྱུར་པའི་ནང་སྙིང་ངམ་ལྷ་བ་སེར་སོབ་ཀྱིས་གང་བ་ཀ་བེད་ཀྱི་ནང་སྙིང་དང་མཚུངས་སོ། བཀྲ་ཤིས་པའི་རྫས་བརྒྱད་ཀྱི་ཤིང་ཏོག་བིལ་བ་ཟེར་བ་དེ་ཡིན་ནོ།