bergenia
ཀོང་ལི། = འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བ་ཅུང་སྦོམ་ལ་ཕྱི་པགས་ནག་ཅིང་ནང་མདོག་དམར་སྐྱ་རིང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ་ཤུ་དག་གི་རྩ་བ་ལྟར་ས་འོག་ཏུ་ཁྱབ་པ་དང༌། ལོ་མ་ལྗང་ནག་མཐུག་ལ་འཇམ་ཞིང་སྒོར་བའམ་སྙིང་དབྱིབས་ལྟ་བུ་རྒྱབ་ཅུང་སྐྱ་བ། མེ་ཏོག་ཟིང་དཀར་འདབ་མ་ལྔ་ལྡན། ཟེའུ་འབྲུ་སེར་ཞིང་ཆུང་བ་དེ་རྣམས་ཡལ་ག་དང་སྡོང་པོའི་རྩེར་དྲུག་བདུན་ཙམ་མཉམ་དུ་ཤར་གྱི་ཡོད།