borax
ཚ་ལ་དཀར་པོ། = ལྕགས་རིགས་མ་ཡིན་པའི་གཏེར་རྫས་ཤིག་སྟེ། ཆུ་ལས་བྱུང་ཞིང་རིགས་གསུམ་ཡོད། བསྲེགས་ཚེ་བཞུ་ཞིང་ཁོལ་ལ་ལྦུ་བ་དཀར་པོ་བྲ་བོའི་ཡོས་ལྟར་འཕེལ་བ་བཟང། བཞུ་ཡང་མི་འཕེལ་བ་འབྲིང་། མི་བཞུ་བ་ངན། དེ་ཤེལ་དང། འཁྲུས་རྫས། སྨན་རིགས་རྫས་སྦྱོར་དུ་མའི་གྲུབ་ཆ་གཙོ་བོ་ཡིན།