Browse Our Dictionary
B

bush cinquefoil

སྤེན་མ། = སྡོང་པོ་ཕྲ་ལ་དྲང་བ་ཕྱི་པགས་དམར་པོ་སྲབ་བོས་བཏུམས་པའི་ནང་དཀར་པོ་ཅན་ཁ་ཤས་མཉམ་དུ་སྐྱེ། ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་ཡོད་པ་དང༌། ལོ་མ་ཆུང་ཞིང་མཐུག་པར་སྤུ་དཀར་འཇམ་པོས་ཁྱབ་པའི་མཐར་ངེས་གཏན་མེད་པའི་ཉག་ཁ་ཡོད་ཅིང་ངར་བ་ཐུང་བ་རེས་མོས་སྐྱེ་བ་དང༌། མེ་ཏོག་འདབ་མ་ལྔ་ལྡན་དྭངས་ཤིང་མཚར་བ་ཆེ་ཆུང་སོགས་གྲོ་ལོའི་མེ་ཏོག་འདྲ་བ་འཆར་ཞིང། མེ་ཏོག་དཀར་པོ་འཆར་བར་སྤེན་མ་དཀར་པོ་དང་མེ་ཏོག་སེར་པོ་འཆར་བ་ལ་སྤེན་མ་ནག་པོ་ཞེས་གྲགས།