closed universe
ཚད་ངེས་འཇིག་རྟེན་ཁམས། = འཇིག་རྟེན་ཁམས་ཀྱི་དཔེ་གཞི་ཞིག་སྟེ། དེའི་ནང་བར་སྣང་གི་གུག་ཆ་འདི་རགས་ཙམ་ཟླུམ་གཟུགས་དབྱིབས་ཅན་ཡིན་པས་དེས་འཇིག་རྟེན་གྱི་ཁམས་འདི་ལ་ཚད་བཀག་ཅན་གྱི་ཆ་ཚད་ཡོད་པ་སྟོན་བཞིན་ཡོད། འཇིག་རྟེན་གྱི་ཁམས་འདིའི་ནང་དངོས་པོ་ཞིག་གིས་དྲང་ཐིག་ཅིག་གི་ཐོག་བསྐྱོད་ཚེ། མཐར་འདི་ཉིད་ཐོག་མར་འགོ་འཛུགས་ཡུལ་གྱི་གཞི་དེར་ཕྱིར་སླེབས་ཀྱི་ཡོད།