Browse Our Dictionary
C

common humanity

འགྲོ་བ་གཅིག་གྱུར་གྱི་རང་བཞིན།= མི་སོ་སོའི་བར་གྱི་མི་འདྲ་བའི་ཁྱད་པར་ལ་མ་ལྟོས་པར་མི་ཚང་མ་འདྲ་མཚུངས་ཡིན་ཞིང་། མིའི་གཞི་རྩའི་པར་འདྲ་མཉམ་ཡིན་པའི་རྩ་འཛིན་དེ་ལ་ཟེར། འདྲ་མཚུངས་ཀྱི་ཁོངས་སུ་སྐྱེ་བ་དང་། རྒ་བ། འཆི་བ་བཅས་དང་། བདེ་བ་འདོད་ཅིང་དགོས་མེད་ཀྱི་སྡུག་བསྔལ་མི་འདོད་པ། སེམས་མྱོང་དང་ལྡན་པ། ལུས་པོ་དང་ལྡན་པ། རང་ཉིད་འཚར་ལོངས་དང་འཚོ་གནས་ལ་གཞན་གྱི་རོགས་པ་དགོས་པ་བཅས་གཏོགས་ཡོད།