Browse Our Dictionary
C

concentration camp

བཙོན་པ་གསོག་སྒར། = འཇར་མན་ཡུལ་དུ་ནཱ་ཛི་ཚོགས་པས་གཞུང་སྐྱོང་བའི་སྐབས་ཧི་ཏཱ་ལར་གྱི་དབང་སྒྱུར་འོག་བཙོན་པ་རྣམས་རྩ་མེད་གཏོང་བྱེད་དུ་བཀོལ་སྤྱོད་བྱེད་པའི་བཙོན་ཁང་ཞིག བཙོན་པ་མང་ཆེ་བ་ནི་ཇེའུ་མི་རིགས་ཆགས་ཡོད། བཙོན་ཁང་དེའི་གནས་སྟངས་ནི་མིའི་བསམ་སྤྱོད་ལས་འདས་པ་ཞིག་ཡིན་ཞིང་། བཙོན་པ་རྣམས་སྤྱི་ཡོངས་ཀྱི་ཆ་ནས་ལྟོ་བཀག་བཏང་བའམ། ཡང་ན་ལམ་སེང་དམར་གསོད་གཏོང་བ་བཅས་ཀྱི་སྒོ་ནས་མི་ས་ཡ་དྲུག་ལས་བརྒལ་བ་རྩ་མེད་དུ་བཏང་ཡོད།