Browse Our Dictionary
C

cress

ཁྲག་ཁྲོག = འདི་ནི་སྔོ་ལྡུམ་གྱི་རིགས་ཏེ། རྩ་བ་ཕྲ་ལ་ཐུང་བ་ཁ་སྤུ་ལྟ་བུའི་སྤུ་ཕྲན་ཐར་ཐོར་ཡོད་པ། སྡོང་རྐང་ལྗང་ཁུ་ཕྲ་མོ་འདྲོང་ངེར་སྐྱེ་ཞིང་ཡལ་ག་གྱེས་པ། མེ་ཏོག་འདབ་བཞི་དཀར་ཞིབ་འཆར་བ། གང་བུ་གོར་ལེབ་ཆུང་ངུ་ཉག་ག་ཅན་གྱི་ནང་དུ་འབྲུ་གུ་རེ་འདོགས་པ་ཞིག་ཡིན། ཡུལ་ཕལ་ཆེ་བའི་གྲོང་འདབས་དང༌། རྩིག་ཟུར། ལམ་འགྲམ། ཞིང་རྒོད། ཁང་ཐོག་སོགས་གང་སར་སྐྱེ།