Browse Our Dictionary
G

gross national product (GNP)

རྒྱལ་ཡོངས་ཐོན་སྐྱེད་ཕྱོགས་བསྡོམས། = རྒྱལ་ཁབ་ཅིིག་ནས་རང་གི་གཞི་རྩའི་དཔལ་འབྱོར་ཐོན་སྐྱེད་ཀྱི་གནས་སྟངས་ཤེས་ཐབས་སུ། ལོ་ངོ་རེ་རེར་རང་གི་ས་ཁོངས་ནང་ཅ་དངོས་དང་། ལས་དོན་སོགས་ཇི་ཙམ་ལེགས་པར་བསྒྲུབས་ཟིན་པའི་གཙང་བསྡོམས་དེ་སྐབས་དེ་གའི་ཁྲོམ་རྭའི་འཛའ་ཐང་ལ་གཞིགས་པའི་རིན་ཐང་རྩི་ཚུལ། སྐབས་འདིའི་གཙང་བསྡོམས་ནི། རྒྱལ་ཁབ་དེའི་ཡུལ་མིའི་རྩ་འབོར་གྱི་འགྲོ་སོང་དང། དེ་བཞིན་གཞུང་དང་སྒེར་གྱི་ཚོང་སྡེ་ཁག་ནས་མ་འཛུགས་བྱས་པའི་དངུལ་དངོས། ཕྱིར་སྡོད་ཡུལ་མིའི་ཡོང་འབབ་ཀྱི་རྩ་འབོར་སོགས་བསྡོམས་པའི་ཁོངས་ནས། རང་ཡུལ་དུ་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་བ་ཚོའི་ཡོང་འབབ་ཕྱིར་འཐེན་བྱེད་པའི་མཐའ་མའི་བསྡོམས་ལ་གོ་དགོས།