international date line
རྒྱལ་སྤྱིའི་དུས་ཐིག = སའི་གོ་ལའི་ངོས་སུ་ཡོད་པར་ཆ་འཛིན་བྱས་པའི་རྟོག་བཏགས་ཀྱི་ཐིག་ཅིག་སྟེ། དེ་ཡང་ཞི་བདེ་རྒྱ་མཚོའི་ཐད་ཀྱི་ཁུག་ཟུར་ ༡༨༠ སྟེང་གི་སའི་གོ་ལའི་གཞུང་ཐིག་གི་རྗེས་སུ་བསྙེགས་ཏེ་ལྷོ་སྣེ་དང་བྱང་སྣེ་གཉིས་ལ་སྦྲེལ་བར་འདོད་ཅིང༌། ཐིག་དེ་ནི་རྒྱལ་སྤྱི་ཁྱོན་ཡོངས་སུ་ཤར་ནུབ་ཀྱི་ཆུ་ཚོད་སྔ་ཕྱི་བརྩི་བའི་གཞི་རྩར་ཕྱི་ལོ་ ༡༨༨༤ ལོར་གོ་ལའི་གཞུང་ཐིག་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའོ།