Browse Our Dictionary
M

madder

མདོག་བསྒྱུར། བཙོད། = འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་གྱི་རིགས་ཤིག་ཡིན་ཞིང༌། རྩ་བའི་མདོག་དམར་ཞིང་ཕྲ་ལ་རིང་བ་ཚིགས་པ་མང་བ་ཁོག་སྟོང༌། ཕྱིར་སྐྱི་ལྤགས་དཀར་པོས་བཏུམས་པ། སྡོང་པོ་གྲུ་བཞི་ལྗང་ལ་ཅུང་རིང་བར་སྤུ་དཀར་རྩུབ་པོས་ཁྱབ་པ་ས་ལ་ཉལ་ཏེ་སྐྱེ་བ་དང༌། ཤིང་ཕྲན་སོགས་ལ་འཁྲིལ་སྟེ་སྐྱེ་བ་མང༌། མེ་ཏོག་སེར་སྐྱ་ཆུང་ངུ་འདབ་མ་ལྔ་ལྡན་སྡོང་པོའི་རྩེ་ནས་འཆར། ཁུ་བ་ཅན་གྱི་འབྲས་བུ་རིལ་མོ་སྲན་མ་ཙམ་ཡོད།