magnetic mirror
ཁབ་ལེན་མེ་ལོང་། = དྲོད་སྐྱེད་ལྟེ་རྡུལ་བརྟག་དཔྱད་ཡོ་ཆས་ནང་མྱག་མ་ཉར་ཚགས་བྱེད་ཕྱིར་དུ་སྤྱོད་པའི་ཡོ་ཆས་ཤིག དེའི་ནང་ཡོད་པའི་སྦུབས་སྣོད་ཅིག་གི་མཐའ་སྣེར་ཁབ་ལེན་ཁྱབ་ར་ནུས་སྟོབས་ཤུགས་ཆེ་ལྡན་པའི་མངའ་ཁུལ་ཞིག་ཡོད་པས། མངའ་ཁུལ་དེའི་ནང་འཇུག་བཞིན་པའི་གྱེས་རྡུལ་རྣམས་ཀྱི་རང་གི་ཁ་ཕྱོགས་ཕྱིར་རང་གནས་སུ་བསྒྱུར་ཏེ། རང་ཉིད་ཐོན་ཡུལ་མྱག་མའི་ཕྱོགས་སུ་བསྐྱར་ལོག་བྱེད་ཀྱི་ཡོད།