marrow
༡། ཛུ་ཀི་ཀ་པེད། = འདི་ནི་འཁྲི་ཤིང་གི་རིགས་ཤིག་སྟེ། དངོས་པོ་གཞན་ལ་འཁྲིལ་ནས་སམ་ས་ངོས་ལ་རིང་པོར་བརྐྱངས་ནས་སྐྱེ་བ། རྩ་བར་ཟུར་དོད་ཅིང་ཚིགས་ཁ་སྦོམ་ལ་ཁོང་སྟོང་ཅན་ཨ་ར་ལྟ་བུའི་རྩ་ཕྲན་ཐོགས་པ། ལོ་མ་འཇོང་དབྱིབས་ཆེ་ལ་ལེབ་པ་ཉག་ག་ཅན་ལོ་རྐང་རིང་པོ་ཡོད་ཅིང་རེས་མོས་ཚུལ་དུ་ཁ་དབྲག་ཏུ་སྐྱེ་བ་དང༌། ལོ་ཕུང་མཐུག་ཅིང་ལོ་སྡོང་ཡོངས་རྫོགས་ལ་སྤུ་རྩུབ་ཕྲ་མོས་ཁེངས་པ། ལོ་མའི་མཆན་ཁུང་ནས་མེ་ཏོག་སེར་པོ་རྩ་རིས་ཅན་འདབ་མ་ལྔ་རེ་འཆར་བ། འབྲས་བུ་ཆེན་པོ་སྒོར་དབྱིབས་ཅན་དང་ཆུང་བ་ནར་དབྱིབས་ཟླུམ་པོ་ཅན་རིགས་ཁ་ཤས་ཡོད་པར། ཕྱི་ཤུན་ཁ་དོག་སྔོ་ལྗང་ཁྲ་རིས་དོད་པའམ་ལྗང་ཁྲ་རིས་དོད་པའམ་ལྗང་ནག་དང་སེར་པོ་ཅི་རིགས་འབྱུང་ཞིང། ནང་ཤའི་ཁ་དོག་དཀར་པོའམ་སེར་ལྗང་ཡིན།