Browse Our Dictionary
N

nettle

ཟྭ་ཚོད། ཟྭ་པོ། =འདི་ནི་སྔོ་ལྡུམ་གྱི་རིགས་ཡིན་ལ་སྐྱེ་ཡུལ་གྱི་རྐྱེན་པས་མི་འདྲ་བ་ཁ་ཤས་ཡོད། སྤྱིར་རྩ་བ་སྐྱེ་སོབ་རིང་པོ་རྩ་ཕྲན་གྱེས་པ། སྡོང་རྐང་སྨུག་ནག་འདྲོང་པོར་སྐྱེ་ཞིང་ཚིགས་མཚམས་ནས་ཡལ་ག་གྱེས་པ་ཚེར་མ་ཐོགས་པ། ལོ་མ་ལྗང་ནག་མཐུག་ལ་ཉག་ག་དང་སྤུ་ཚེར་ཡོད་པས་རྩུབ་ཉམས་ཆེ་བ། ལོ་སྡོང་གི་སྤུ་ཚེར་ལ་རེག་པས་སྦིར་ཟུག་བཟོད་མི་བསྲན་པ་སློང་བ། མེ་ཏོག་དཀར་ལ་དམར་མདངས་ཅན་ཞིག་འཆར་གྱི་ཡོད། ཡུལ་ཕལ་ཆེ་བའི་གྲོང་ཁྱིམ་གྱི་ལམ་འགྲམ་དང་རྩིག་ཟུར། ཤིང་གསེབ། ཞིང་འགྲམ་དང་གྲོག་ཤུར་སོགས་སུ་སྐྱེ་བ་ཞིག