Browse Our Dictionary
P

permanent teeth

བརྟན་སོ། = མི་ལ་བྱིས་པ་ནས་དར་མའི་བར་སྔ་རྗེས་སུ་སོ་ཐེངས་གཉིས་སྐྱེ་རྒྱུ་ཡོད་པ་ལས། ལོ་ན་དྲུག་ནས་བརྒྱད་ལ་སོན་ཚེ་ནུ་སོ་རྣམས་བུད་ནས་ཤུལ་དུ་སྨྲ་བྱེད་ཀྱི་མདུན་སོ་བརྒྱད་དང༌། མཛེས་བྱེད་ཀྱི་མཆེ་བ་བཞི། མྱག་བྱེད་ཀྱི་འགྲམ་སོ་བཅུ་དྲུག མཐའི་སོ་ཆུང་བཞི་བཅས་བསྡོམས་བརྟན་སོ་གྲངས་སུམ་ཅུ་སོ་གཉིས་པོ་དེ་ལའོ།།