rhubarb
ལྕུམ། = སྔོ་ལྡུམ་གྱི་རིགས་ཤིག་སྟེ། རྩ་བ་སེར་པོ་སྦོམ་ལ་རྒྱས་པར་གཉེར་དྲེག་མང་པ། སྡོང་རྐང་ལྗང་གུ་སྨུག་མདངས་ཅན། ཁོང་སྟོང་ཞིང་སྦོམ་ལ་ཚིགས་མཚམས་ཡོད་པར་སྟོད་ཆ་ནས་ཡལ་ག་གྱེས་པ། ལོ་མ་ལྗང་ནག་ཆེ་ལ་ལེབ་པར་རྩ་རིས་དོད་ཅིང་མཐའ་སྐོར་དུ་ཉག་ཆེན་ཡོད་པ། ལོ་རྐང་ངམ་ངར་བའི་ཁ་དོག་ལྗང་དམར་ཅན་རིང་ཞིང་དྲང་པོར་ཡོད་པ། མེ་ཏོག་དམར་པོ་སྙེ་དབྱིབས་ཅན་རིལ་མོ་སིབ་སིབ་མང་པོ་སྤུངས་ཏེ་འཆར་བ། འབྲས་བུ་ཟུར་གསུམ་མང་པོ་ཐོགས་པ་ཞིག་ཡིན།