Browse Our Dictionary
R

ringworm

ཕོལ་མིག = འཁོར་ལོའི་བརྡ་རྙིང་ཡིན་པས་དེ་དང་དབྱིབས་འདྲ་བའི་པགས་ནད་འབྲུམ་པ་ཕྲ་མོ་འབྱུང་བ་ཞིག་གི་མིང་སྟེ། རྒྱུད་བཞི་དཀའ་འགྲེལ་ལས། ཕོལ་མིག་ནི་བརྡ་རྙིང་པ་སྟེ། འཁོར་ལོའི་མིང་ཡིན་པས་དེ་དང་དབྱིབས་འདྲ་བར་འབྱུང་བའི་པགས་ནད་ཀྱི་རིགས། གནས་གང་དུ་ཕོག་ན་དེར་འཁོར་ལོ་ལྟར་སྒོར་མོའི་ནང་དུ་འབྲུམ་པ་ཕྲ་མོ་མང་དུ་འབྱུང་ཞིང། ཟ་འཕྲུག་ལྡང་བ་ཞིག་གི་མིང། ཞེས་སོ།