Browse Our Dictionary
S

saffron

ཁ་ཆེ་ཤ་སྐམ། = ལོ་མང་སྐྱེ་པའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བ་དཀར་པོ་རྡོག་གཅིག་དབྱིབས་ཧྲིལ་པོ་སྒོག་གཅིག་མ་དང་འདྲ་བ་ཆེ་ཆུང་ལོ་ཇི་སོང་གི་སྣ་ཚོགས་པ་སྐྱི་པགས་སྲབ་པོས་བཏུམས་ཡོད་པ་དང༌། ལོ་མ་ལྗང་ཁུ་ཕྲ་ལ་འཇམ་ཞིང་མཉེན་པ། ཟུར་གསུམ་དབྱིབས་ཅན། མེ་ཏོག་མུ་དཀར་མདོག འདབ་མ་ཤིན་ཏུ་སྲབ་པ་དྲུག་ཡོད་པའི་ནང་ཟེའུ་འབྲུ་ཕོ་མོ་མཉམ་དུ་གནས་ཤིང། ཕོ་བཞི་རེ་ཙམ་ཡོད་ཅིང་མདོག་སེར་སྨུག་དྲི་བཟང་འཐུལ་བ་དེ་ཁ་ཆེ་གུར་གུམ་ཞེས་བྱ་བ་ཡིན་ལ། ཟེའུ་འབྲུ་མོ་ཡང་མདོག་སེར་སྐྱ་ཐུང་བ་གསུམ་རེ་ཡོད། དེ་བཟང་པོ་དྲུག་གི་ཡ་གྱལ་ཞིག་གོ།