Browse Our Dictionary
S

sealwort

ར་མཉེ། = འདི་ནི་སྔོ་ལྡུམ་གྱི་རིགས་ཏེ། རྩ་བ་སེར་སྐྱ་སྦོམ་ལ་རྒྱས་པ་རྡོག་པོ་མང་པོ་ཕན་ཚུན་འབྲེལ་ཏེ་ཡོད་པ། སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་ཁ་ཤས་མཉམ་དུ་འདྲོང་ངེར་སྐྱེ་བ། ལོ་མ་སྔོ་ལྗང་རལ་གྲིའི་དབྱིབས་ལྟར་ཕྲ་ལ་རྩེ་རྣོ་བ་བང་རིམ་བརྩེགས་པ། མེ་ཏོག་དཀར་པོ་ལྗང་ཤས་ཅན་ཚོམ་བུ་ཚོམ་བུར་འཕྱངས་ཏེ་བཞད་པ། འབྲས་བུ་སྲན་མའི་ཆེ་ཆུང་ཙམ་སྨིན་དུས་ཟིང་དམར་དུ་འགྱུར་བ་ཞིག་ཡིན།