Browse Our Dictionary
S

sesame

ཏིལ། = འདི་ནི་ཞིང་སྐྱེས་ལོ་ཏོག་གི་རིགས་ཤིག་སྟེ། སྡོང་རྐང་ལྗང་ནག་ཅུང་སྦོམ་ལ་བ་སྤུས་ཁེངས་ཤིང་འདྲོང་ངེར་སྐྱེ་བ། མཐོ་ཚད་མི་ཊར་ ༡ ཙམ་ཡོད་པ། ལོ་མ་སྔོ་ལྗང་སྒོང་དབྱིབས་ནར་མོ་རྩེ་ཕྲ་བ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སྡོང་པོའི་སྟོད་ཕྱོགས་ལོ་མའི་མཆན་ཁུང་ནས་དཀར་པོའམ་སྔོ་སྨུག་འཆར་བ། གང་བུ་འཇོང་ནར་ཅན་གྱི་ནང་དུ་འབྲས་བུའམ་འབྲུ་གུ་འཇམ་ལེབ་སྒོང་དབྱིབས་ཅན་ཆུང་ངུ་མང་པོ་འདོགས་ཤིང། འདི་ལ་ཏིལ་དཀར་པོ་དང་ནག་པོ་རིགས་གཉིས་འབྱུང་བ་ཡིན།