Browse Our Dictionary
S

shortcut

༡། མགྱོགས་ལམ། = ནམ་རྒྱུན་ས་གནས་གཅིག་ནས་གཞན་ལ་འགྲོ་སའི་ལམ་ཁ་ལས་མགྱོགས་པར་བསླེབས་ཐུབ་པའམ། ཐད་ཀར་འབྱོར་ཐུབ་པའི་ལམ་ཁ་ཞིག ༢། མྱུར་ཐབས། = འབད་བརྩོན་དང་དུས་ཚོད་འཕྲོ་བརླག་ཏུ་མ་འགྲོ་བའི་ཆེད་གང་ཞིག་བྱ་བར་བྱེད་པའི་མྱུར་ཐབས་ཤིག ༣། མྱུར་ཐབས། = ཀམ་པུ་ཊར་གྱི་བྱ་རིམ་བེད་སྤྱོད་བྱ་རྒྱུའམ་འགོ་འཛུགས་པར་མགྱོགས་ཐབས་ཤིག