siameasa ginger
སྒ་དམར། = འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་གྱི་རིགས་ཤིག་ཡིན། རྩ་བ་སེར་ཞིང་དྲི་ཞིམ་ལ་དབྱིབས་སོགས་སྒ་སྐྱ་དང་མཚུངས། སྨ་ར་འདྲ་བའི་རྩ་ཕྲན་གྱོང་ལ་མང་བ། ཕྱི་པགས་བར་རིམ་དུ་མ་ལྡན་པ། སྡོང་པོ་ཕྲ་ལ་འདྲོང་ཤིང་ཡལ་ག་མེད་པ། ལོ་མ་རེས་མོས་སྨྱུག་ལེབ་ཅན་སྡོང་པོའི་མཚམས་ནས་སྨད་ཆས་སྡོང་པོ་བཏུམས་ཏེ་གྱེས། མེ་ཏོག་སྙེ་དབྱིབས་དཀར་ཤས་ཆེ་ལ་དམར་མདངས་ཅན་ཞིག