Browse Our Dictionary
S

soya bean

སོ་ཡ། སྲན་དཀར། = འདི་ནི་ཞིང་སྐྱེས་འབྲུའི་སྡེ་སྲན་མའི་རིགས་ཤིག་སྟེ། རྩ་བ་གཏིང་དུ་ཟུག་པ། སྡོང་རྐང་སྦོམ་ལ་བ་སྤུ་ཅན་དྲང་པོར་སྐྱེ་ཞིང་ཡལ་ག་གྱེས་པ་དང༌། མཐོ་ཚད་ཁྲུ་ ༡ ནས་ ༦ བར་ཡོད། ལོ་མ་སྒོང་གཟུགས་རྩེ་རྣོ་ཞིང་སྲབ་ལ་མཇམ་པ་གསུམ་རེ་སྦྲེལ་ཏེ་སྐྱེ་བ། མེ་ཏོག་ཕྱེ་མ་ལེབ་ཀྱི་དབྱིབས་ཅན་ཁ་དོག་དཀར་པོའམ་སྨུག་པོ་འདབ་མ་སྤུ་སོབ་ཅན་མང་པོ་སྤུངས་ཏེ་འཆར་བ། གང་བུ་གྲུ་བཞི་ནར་རིང་ཁ་དོག་ལྗང་སེར་སྤུ་སེར་པོས་ཁེངས་པ། འབྲས་བུ་སྒོང་དབྱིབས་རིལ་མོ་ཁ་དོག་ལྗང་སེར་རམ་དཀར་སེར། ཡང་ན་རྒྱ་སྨུག་གམ་ནག་པོ་ལྟ་བུ་གཅིག་ལ་ཁ་དོག་གཉིས་ཅན་ཟུར་ངོས་གཅིག་གི་ལྟེ་དཀྱིལ་དུ་ཤུར་རིས་ནག་ཐིག་རེ་ཡོད་པ་ཞིག་ཡིན།