Browse Our Dictionary
S

Sunflower

bot ཉི་མ་མེ་ཏོག = འདི་ནི་ཤིང་མ་ལྡུམ་གྱི་རིགས་ཤིག་སྟེ། རྩ་བ་ཨ་ར་ལྟ་བུ་མང་པོ་ཐོགས་པ། སྡོང་པོའི་ཕྱིར་སྤུ་ལྗང་སྐྱས་ཁྱབ་པ། ཁོག་སྟོང་ཅན། མཐོ་ཚད་མི་ཊར་ ༡ ནས་༤ ཙམ་པར་འདྲོང་ངེར་སྐྱེ་བ། ལོ་མ་སྙིང་དབྱིབས་ཅན་ཆེ་ལ་མཐུག་པ་རྩ་རིས་དོད་ཅིང་མཐའ་སྐོར་དུ་ཉག་ཆུང་ཡོད་པར་རེས་མོས་ཀྱིས་སྐྱེ་ཞིང༌། མེ་ཏོག་སེར་པོ་སྒོར་མོ་ཆེ་ལ་ལེབ་པ་སྡེར་མའི་དབྱིབས་ཀྱི་ངོས་སུ་ཟེའུ་འབྲུ་སེར་པོས་གང་བའི་འོག་ཏུ་འབྲུ་གུ་སེར་སྐྱ་མང་པོ་འདོགས་པ་ཉི་མའི་ཕྱོགས་སུ་འཁོར་སྐྱོད་བྱེད་པ་ཞིག་ཡིན། ཡུལ་ཕལ་ཆེ་བར་འདེབས་འཛུགས་བྱེད་པས་ཤེས་སླ།