tag
༡། mech སྣེ་ཤན། = སྐུད་པའམ་ལྷམ་སྒྲོག་ལྟ་བུའི་སྣེ་མ་ཟིལ་པའམ་མི་བྲུལ་བའི་ཆེད་མཐའ་སྣེར་འགྱིག་ཚིའམ་ལྕགས་རིགས་སྣོན་སྦྱོར་བྱས་པའི་ཆ། ༢། com བྱང་ལྷེབ། = དངོས་པོ་སོགས་ཀྱི་ངོས་ལ་སྦྱར་བའམ། ཡང་ན་ལོགས་སུ་བཏགས་ཡོད་པའི་ཤོག་བུ་དང་རས་ཀྱི་ཚལ་བུ་ལྟ་བུ་དངོས་པོ་དེ་དག་སོ་སོའི་འགྲེལ་བཤད་ཅན། ༣། sport འཇུ་རེས་འདེད་རེས། = མི་གཉིས་སམ་དེ་ལས་མང་བའི་རྩེད་མོ་ཞིག དེའི་ནང་ཕྲུ་གུ་གཅིག་གིས་གཞན་རྣམས་དེད་ནས་གཅིག་འཇུ་ཐབས་བྱེད་ཀྱི་ཡོད། འཇུས་ཚར་བའི་ཕྲུ་གུ་དེ་འདེད་མཁན་བྱེད་དགོས།