Browse Our Dictionary
T

taro

དྭ་ཚོད། = འདི་ནི་སྔོ་ལྡུམ་དྭ་བའི་རིགས་ཡིན་ལ། སྡོང་རྐང་སྦོམ་ལ་རིང་བ་མཐོ་ཚད་མི་ཊར་ ༡ ནས་ ༢ བར་འདྲོང་པོར་སྐྱེ་བ། ལོ་མ་སྔོ་ལྗང་ཆེ་ལ་སྙིང་དབྱིབས་ཅན་རྩ་རིས་དོད་པ། རྩ་བ་རྡོག་རིལ་དང་ཟླུམ་ནར་ངེས་མེད་འབྱུང་བར་ནང་ཤའི་བཅད་དཀར་པོ། ཕྱི་མདོག་རྒྱ་སྨུག་ཅན་སྤུ་ཞིབ་ཐོགས་ཤིང་ཐིག་རིས་གོར་མོ་ཡོད་པ་ཞིག་ཡིན། ཚ་བའི་ཡུལ་དུ་སྐྱེ་ཞིང། དུག་ཤས་ཅུང་ཟད་ཡོད།