Browse Our Dictionary
T

thorn apple

ད་དུ་ར། = ལོ་གཅིག་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བ་ཕྲ་ལ་རིང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ། སྡོང་པོ་ལྗང་ནག་འདྲོང་པོར་སྐྱེ་ལ་སྤུ་འཇམ་ཅན། ལོ་མ་སྒོར་མོ་ཅུང་མཐུག་ཅིང་སྙིང་དབྱིབས་ཀྱི་མཐར་ཉག་ཁ་ཆེ་ཆུང་མི་སྙོམས་པ་ཡོད་པའི་རྩེ་རྣོ་ཞིང༌། རྩ་རིས་གཞུང་རྒྱུག་དང་འཕྲེད་རྒྱུག་གཉིས་ཀ་གསལ་ཞིང་ངར་བ་རེས་མོས་སྐྱེ་བ་དང། མེ་ཏོག་དཀར་པོའམ་སྨུག་པོ་སྡོང་པོ་དང་ལོ་མའི་མཚམས་ནས་རྐྱང་པར་ཤར་བའི་དབྱིབས་སྤང་རྒྱན་མེ་ཏོག་དང་འདྲ་བ། འབྲས་བུའི་ལྒང་བུ་སྒོང་དབྱིབས་ཀྱི་ཕྱིར་ཚེར་མས་ཁྱབ་པ། སྨིན་པའི་མདོག་རྫ་སེར་ཁ་བཞིར་གས་པའི་ནང་དུ་འབྲུ་གུ་ནག་པོ་མང་པོ་ཡོད། དུག་ཤས་དང་ཟི་ཁ་ཤིན་ཏུ་ཆེ།