Browse Our Dictionary
T

tormentila

གྲོ་མ། = སྔོ་ལྡུམ་གྱི་རིགས་ཤིག་སྟེ། རྩ་བ་ཆུང་ལ་རིལ་མོའམ་ཕྲ་བ་འཇོང་དབྱིབས་ཅན་ལ་ཁ་སྤུ་ཡོད། ཕྱི་མདོག་དམར་ནག་ནང་ཤ་དཀར་པོ་ཡིན། ལོ་མའི་མདུན་ངོས་ལྗང་མདོག་ཡིན་ལ་རྒྱབ་ངོས་དཀར་པོ། སར་འབྱར་ནས་མདའ་སྒྲོའི་དབྱིབས་ལྟར་སྐྱེ་ཤིང༌། རྩ་སྐུད་ཕྲ་ལ་རིང་བ་མང་པོ་ས་ངོས་ནས་ཕན་ཚུན་སྦྲེལ་ཏེ་ཡོད་པ། མེ་ཏོག་སེར་པོ་འདབ་མ་ལྔ་ཅན་ཤར་གྱི་ཡོད། ས་བབ་ཅུང་མཐོ་བའི་སྤང་དང་ཞིང་རྒོད་ས་ནག་སོགས་སུ་སྐྱེ།