tout
༡། སྤུས་སྒྱུར་བྱེད་པ། = ཚོང་ཤག་གི་སར་ཐད་ཀར་བསྐྱོད་པའམ་རེ་སྐུལ་ཞུས་ཏེ། ཅ་ལག་གམ་ཞབས་ཞུའི་མཐུན་རྐྱེན་སོགས་ཉོ་ཚོང་འབོད་སྐུལ་བྱེད་པ། ༢། ཁེ་ལོག་ལེན་པ། = རྩེད་ར་དང་ལྟད་མོ་ཁང་སོགས་ཀྱི་ཕྱི་ལོགས་སུ་ཁྲིམས་འགལ་གྱིས་གཏན་འབེབས་རིན་གོང་ལས་ལྷག་པར་ལྟད་མོའི་འཛིན་ཤོག་འཚོང་སྒྱུར་བྱེད་པ། ༣། རྣམ་པར་སྒྲོག་པ། = ཡར་རྒྱས་སམ་སྐད་གྲགས་ཡོང་བ་དང༌། ཁེ་ཚོང་གོང་འཕེལ་གཏོང་བར་དམིགས་ཏེ། མིའམ་དངོས་པོ་གང་ཞིག་ལ་ཁྱབ་བསྒྲགས་ཀྱི་ཚུལ་དུ་ཆེ་བསྟོད་བྱེད་པའམ་དེ་དག་གི་སྐོར་གོ་རྟོགས་སྤེལ་བ།