Browse Our Dictionary
T

trumpet gentian

སྤང་རྒྱན་སྔོན་པོ། = ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བ་སེར་སྐྱ་ཕྲ་ལ་རིང་བ་མང་ཞིང་རྒྱུས་པ་ཤད་པ་འདྲ་བ་དང༌། སྡོང་པོ་སྡོ་ལྗང་ཆུང་ཞིང་སྙུང་ལེབ་དབྱིབས་མཐའ་མཉམ་ཞིང་ངར་བ་མེད་པ་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སྔོན་པོའམ་སྔོ་ཁྲ་རྒྱ་གླིང་ཁ་དང་མཚུངས་པ་སྡོང་པོའི་རྩེར་རྐྱང་པར་ཤར། སྔོན་པོ་ཤར་བ་སྤང་རྒྱན་སྔོན་པོ་དང། སྔོ་ཁྲ་ཤར་བ་སྤང་རྒྱན་ཁྲ་བོ་ཡིན་ནོ།