Browse Our Dictionary
T

trumpet tree

ཙམ་པ་ཀ = འདི་ནི་ཆུང་བ་ནས་འབྲིང་བའི་བར་གྱི་ཤིང་སྡོང་ལོ་མ་ལྷུང་བའི་རིགས་མཐོ་ཚད་མི་ཊར་ ༡༢ ཙམ་དུ་སྐྱེ་བ་ཞིག་ཡིན། ཕྱི་ལྤགས་མཉེན་ལ་སྨུག་ཅིང་ནག་ཤས་ཆེ་བ། ཡལ་ག་དང་ཡལ་ཕྲན་རིང་སྦོམ་ལ་མཁྲེགས་པ་དང༌། ལོ་མ་ཆེ་ལ་རིང་བ། བྱ་སྒྲོའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩ་རིས་གསལ་བ་ཡོད། མེ་ཏོག་དམར་སྨུག་ཟེའུ་འབྲུ་ཕོ་མོ་མཉམ་དུ་འཆར་བ་དང། གང་བུ་ལེབ་མོ་རིང་ཚད་མི་ཊར་གཅིག་ཙམ་སྣེ་མོ་གཉིས་རྣོ་ཞིང་ནང་དུ་ས་བོན་དཀར་པོ་ལེབ་མོ་འདབ་ཤོག་སྲབ་མོ་ཅན་བརྒྱ་ཕྲག་དུ་མ་ཡོད།