wheat
གྲོ། = འདི་ནི་ལོ་རེ་བཞིན་བཏབ་ནས་སྐྱེ་བའི་འབྲུ་རིགས་ལོ་ཏོག་ཅིག་ཡིན། སྡོང་པོའི་རིང་ཚད་མི་ཊར་ ༢ ཙམ་ཁོག་སྟོང་འདྲོང་པོར་སྐྱེ་བ། ལོ་མ་རིང་ལ་མདུང་རྩེའི་དབྱིབས་རེས་མོས་སུ་སྐྱེ་བའི་སྨད་ཆས་སྡོང་པོ་བཏུམས་པ། སྡོང་པོའི་རྩེར་འཆར་བའི་སྙེ་མར་ཨ་ར་འདྲ་བའི་སྤུ་མང་པོ་ཅན། འབྲུ་གུ་ཆུང་ལ་འཇོང་ནར་མཁྲེགས་ཤིང་སྦོས་པ་ལྟར་ཡོད། མཐའ་གཉིས་སྦོམ་ལ་ཕྱོགས་གཅིག་ཏུ་ཤུར་ཁ་ཡོད།